見出し画像

ゲルク派の基本的な勤行次第・チベット語からの試訳

三礼

(五体投地の真言)

オン・ナモ・マンジュシュリイェー
ナモ・スシュリイェー
ナモ・ウッタマシュリエー・ソーハー

*この真言を唱えながら、五体投地をします。これを毎日すると死ぬまでに見道(མཐོང་ལམ་)を得られると説かれています。一回礼拝するごとにこの3行の真言を一回お唱えします。一切の仏菩薩声聞独覚など三宝を眼前に観想して、三礼します。日本では袈裟を踏まないように細心の注意を払いますが、チベットでは袈裟を一度解いて両肩にかけて、五体投地をします。終われば袈裟を元に戻して、その後着座します。

རྒྱུན་ཆགས་གསུམ་པ།
ギュンチャースンパ
教主釈迦如来への礼拝


(如来の十号による礼拝・供養・帰依)

སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། 
トゥンパ・チョムデンデー・デーシンシェーパ・ダムチョンパ・ヤンダクパルツォーぺーサンゲー・リクパタんシャブスデンパ・デーワルシェーパ・ジクテンケンパ・キウドゥルウェーカロギュルワ・ラナメパ・フラタンミナムキトゥンパ・サンゲーチョムデンデー・パルギェボ・シャーキャトゥッパラ・チャーツェーロ・チュドー・キャッスムチーオー
教主・世尊・如来・阿羅漢・正遍知・明行足・善逝・世間解・調御丈夫・無上士・天人師・仏世尊・吉祥・勝者・釈迦牟尼に礼拝いたします。供養いたします。帰依いたします。

*ལན་གསུམ། 三返
*この礼拝の仕方は小乗と大乗に区別のない最も基本的なものです。

གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །
རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །
མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །
མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པས་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །
དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །
གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །
སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གིས་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་པ་ཆུ་བུར་དང༌། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །
བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་དང་ན་དང་འཆི་བའི་རླབས་འཁྲུག་པའི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །

ギュンチャースンパ参考動画

སྐྱབས་འགྲོ་དང་སེམས་བསྐྱེད་བཞུགས་སོ། །
帰依と発心

(教主釈迦如来への礼拝)

གང་གི་ཐུགས་བརྩེ་ཉེར་བཟུང་ནས། །
カンキトゥーツェル・ネルスンネー
自身の慈悲のお心をお持ちになって、

ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །
タワタムチェーパンウェーチル
一切の見解を断つために、

དམ་པའི་ཆོས་ནི་སྟོན་མཛད་པ། །
タンペーチューニディスンバ
正しい法を教示なさった人、

གཽ་ཏ་མ་དེ་ལ་ཕྱག་འཚལ་ལོ། །
ゴータマデラチャーツェーロー
かのガウタマに礼拝いたします。

*中論を出典とします。法王14世もこれを寝る前に唱えるとよいとしています。

(三帰依)

ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ།
チョチュートゥースムキ・デシンシェーパタームチェキ・クースントゥーユンテン・ティンレータームチェキ・ンゴウォーギュワ
十方三世一切の如来の身語心の功徳と事業の一切の本性である、

ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས།
チューキプンポ・トンターギェチュツァシーチュンネー
八万四千の法の蘊の生じるところ、

འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག
パクペーゲンドゥン・タームチェキマンダ
聖者の僧伽一切の大いなる主、

དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ།
ティチェンツァワタン・ギューパルチェーペー・パルデンラマタンパナムラ・キャースムチーオー
恩大きい根本と系譜の吉祥を備える正しい師師に帰依いたします。

བླ་མ་ལ་སྐྱབས་སུ་མཆིའོ།
ラーマラ・キャースムチーオー
師に帰依いたします。

སངས་རྒྱས་ལ་སྐྱབས་སུ་མཆིའོ།
サーンギェラ・キャースムチーオー
仏に帰依いたします。

ཆོས་ལ་སྐྱབས་སུ་མཆིའོ།
チューラー・キャースムチーオー
法に帰依いたします。

དགེ་འདུན་ལ་སྐྱབས་སུ་མཆིའོ།
ゲーンドゥンラ・キャースムチーオー
僧伽に帰依いたします。

ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ།
イーダムキンコルキ・フラツォーコルタンチェーパナムラ・キャースムチーオー
守護尊、曼荼羅の本尊海会などに帰依いたします。

དཔལ་མགོན་དམ་པ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ།
パルグンタムパ・チュースンマ・イシーキジンタンデンパナムラ・キャースムチーオー
吉祥の正しい守護者、護法尊、智慧の目を備える方々に帰依いたします。

*三宝の根源は師にあると経に説かれるので、師への帰依を第一とします。

(帰依の真言)

ナモ・グルウェー
ナモ・ブダヤー
ナモ・ダマヤー
ナモ・サンガヤー

(菩提心の発心1)

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།
サンゲーチュータン・ツォーキチョーナムラ
仏・法と集会の最上のものに、

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།
チャンチュプパルドゥ・ダーニキャースムチー
菩提にまで私は帰依いたします。

བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།
ダーキジンソーキィーぺー・ツォーナムキー
私が布施などを行じた諸々の資糧によって、

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
ドーラーペンチル・サンゲードゥプパルショー
衆生を利益するために成仏しますように。

*僧伽を「集会の最上」というのは、普通の一般的な仏教教団、「凡夫の僧伽」(སོ་སྐྱེད་ཀྱི་དགེ་འདུན་)を指すのではなく、「聖者の僧伽」(འཕགས་པའི་དགེ་འདུན་)を指します。仏法僧の三宝に帰依するといった場合、その僧伽は普通のお坊さんの集団を指すのではなく、見道に入った「聖者」の集まりをいいます。これをさして、「集会の最上のもの」といいます。さらに、「རྒྱས་འགྲུབ་པར་ཤོག」は直訳すれば「成仏しますように」という祈願の形になっていますが、ギュメ学堂の私の先生は、この本当の意味は「成仏します」という決意だと教えてくださりました。

(菩提心の発心2)

དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།
クンチョースムラダーキャプチー
三宝に帰依いたします。

སྡིག་པ་ཐམས་ཅད་སོ་སོར་གཤགས།
ディッパタムチェーソーソルシャー
一切の罪をそれぞれ落とします。

འགྲོ་བའི་དགེ་ལ་རྗེས་ཡི་རང་།
ドーウェーゲーラ・ジェーイーラン
衆生の善に随喜いたします。

སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་།
サンゲーチャンチュプ・イーギースン
仏菩提に心を持します。

སངས་རྒྱས་ཆོས་དང་ཚོགས་མཆོག་ལ།
サンゲーチュータン・ツォーチョーラー
仏・法と集会の最上に、

བྱང་ཆུབ་བར་དུ་བདག་སྐྱབས་མཆི།
チャンチュプパードゥ・ダーキャプチー
菩提まで私は帰依いたします。

རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།
ランシントゥンニ・ラプドゥッチル
自他の目的をよく成就するために、

བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།
チャンチュプセムニ・ケーパルキー
菩提心を起こします。

བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།
チャンチュプチョーキ・セムニケーキーネー
最上の菩提の心を起こして、

སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར།
セムチェンタムチェーダーキードゥントゥニェル
一切の有情を自身の客としてもてなし、

བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།
チャンチュプチョチョー・イオンチェーパルキー
最上の菩提行に喜び励みます。

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
ドーラーペンチル・サンンギェードゥッパルショー
衆生利益のために成仏いたしますように。

*懺悔と随喜を菩提心の発心の前に行うのは、発心に必要な功徳を積むためとされます。法王14世はこの偈文を自身の実践の中心とも捉えています。法王14世は「一切の有情を自身の客としてもてなし」の箇所をとても「強力である(ཤུགས་ཆན་པོ་རེད་བཞག་)」とおっしゃり強調しています。さらに、「自他の目的をよく成就するために」の箇所も「菩提心は自分のためにもなる。菩提心は他のためにもなる。菩提心は社会のためにもなる(བདག་ལ་ཕན་ཡག་བྱང་ཆུང་སེམས། གཞན་ལ་ཕན་ཡག་བྱང་ཆུབ་སེམས། ཕྱི་ཚོགས་ལ་ཕན་ཡག་བྱང་ཆུབ་སེམས་)」と何度も強調してしています。

(四無量心)

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག
セムチェンタムチェー・デワタン・デウェーギュータン・テンパルギュルチー
一切有情が楽と楽の因とともにありますように。

སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག
セムチェンタムチェー・ドゥンガルタン・ドゥンガルキギュータン・デーワルギュルチー
一切有情が苦と苦の因から離れますように。

སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག
セムチェンタムチェー・ドゥンガルメーペーデワータン・みデーワルギュルチー
一切有情が苦のない楽と離れませんように。

སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །
セムチェンタムチェー・ニェリンチャータン・デーウェータンニョムラネーパルギュルチー
一切有情が親疎の二つから離れた平等の考えに住しますように。

(中論による礼拝)

གང་གིས་རྟེན་ཅིང་འབྲེལ་བར་འབྱུང་།
カンギーテンチンデーワーチュン
かの人は、「縁起するものは、

འགག་པ་མེད་པ་སྐྱེ་མེད་པ།
ガクパメーパ・ケーメーパ
不滅、不生であり、

ཆད་པ་མེད་པ་རྟག་མེད་པ།
チェーパメーパ・ターメーパ
不断、無常であり、

འོང་བ་མེད་པ་འགྲོ་མེད་པ།
オンワメーパ・ドーメーパ
不来、不去であり、

ཐ་དད་དོན་མིན་དོན་གཅིག་མིན།
ターテトゥンミン・トゥンチーミン
不異、不一である」という

སྤྲོས་པ་ཉེར་ཞི་ཞི་བསྟན་པ།
トルワニェルシ・シーテンパ
戯論を完全に鎮めた吉祥なる教示を

རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།
ツォーぺーサンンギェーマーナムキ
極めた仏である、諸の説者の

དམ་པ་དེ་ལ་ཕྱག་འཚལ་ལོ། །
タンパデーラーチャーツァーロー
最上のかの方に礼拝いたします。

*これは僧院では中観学(དབུ་མ་)で学びます。

(現観荘厳論による礼拝)

ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞི་ཁྲིད་མཛད་གང་ཡིན་དང་།
ニェントゥシワツォナム・クンシーニーキー・ニェルシティーツェーカンインタン
寂静を求める声聞たちを、基智によって、寂静に導きなさり、

འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་།
ドーラーペンパルチェーナム・ラムシーニーキー・ジクテントゥンドゥプツェーバカン
衆生に利益をなすものたちを、道智によって、世間の目的を成立させなさり、

གང་དང་ཡང་དག་ལྡན་པའི་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །
カンタンヤンダーテンペートゥッナム・ナンパクンデンナツォー・ディースンバ
それを正しく備えた牟尼がた、一切の相を備える多様なそれをお説きなる〔一切〕相智、

ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ཡུམ་དེ་ལ་ཕྱག་འཚལ་ལོ། །
ニェントゥーチャンチュプセンペーツォチェーサンギェーキユムデラーチャーツェーロー
声聞菩薩の集まりと仏の御母(三智)に帰依いたします。

*これは僧院で波羅蜜学(ཕར་ཕྱིན་)の最初にする項目の「三智」(མཁྱེན་པ་གསུམ་)に対する礼拝です。「三智」とは、声聞などにある「基智」(གཞི་ཤེས་)、見道以上の菩薩にある「道智」(ལམ་ཤེས་)、そして大乗の無学道すなわち仏にある「一切相智」(རྣམ་མཁྱེན་)である、これらは仏の原因であるので、比喩的に「御母」(ཡུམ་)と呼びます。

(その他の礼拝偈文)

རྟོག་པའི་དྲ་བ་རྣམ་བསལ་ཅིང་། ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། ཀུན་ཏུ་བཟང་བོའི་འོད་ཟེར་དག ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། མ་ལུས་སེམས་ཅན་ཀུན་ཀྱི་མགོན་གྱུར་ཅིང་། བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་པ། དངོས་རྣམས་མ་ལུས་ཡང་དག་མཁྱེན་པའི། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། ལྷ་ཡི་ཆུ་ནི་དག་པ་ཡིས། དེ་བཞིན་བཅོམ་ལྡན་སྐུ་ཁྲུས་གསོལ།

(曼荼羅の奉献)

ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ།
サシープーキ・チューシンメートーダム
地を香によって清め花で覆い
རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།
リラプリンシー・ニデーギェンパディ
須弥山四州日月によって飾られたこれを
སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས།
サンゲーシントゥ・ミーでプーバーイー
仏の浄土と認識して捧げることによって、
འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག
一切衆生は完全なる浄土を享受しますように。

ཨོཾ་ཨི་དཾ་གུ་རུ་རཏྣ་མཎྜ་ལ་ཀཾ་ནི་རྱ་ཏ་ཡཱ་མི
オン・イダングルラナマンディラカンニルヤタヤーミー

帰依と発心の参考動画


曼荼羅の奉献の参考動画

*曼荼羅奉献は、曼荼羅の印(あるいは米の塔)を須弥山をはじめとする八つの飾りによって飾られた全世界に見立てて仏に捧げるものです。日常の勤行では略式で行われます。灌頂や教えを請うときには長い儀軌によって修されます。

勤行

བློ་སྦྱོང་ཚིག་བརྒྱད་མ།
ロジョンツィクギェーマ
浄知八句

*これについては吉村先生の和訳がnote上にありますので、ここで引用させていただきます。

བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག །རང་བཞིན་ངན་པའི་སེམས་ཅན་རྣམས། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །རིན་ཆེན་གཏེར་དང་འཕྲད་པ་བཞིན། །རྙེད་པར་དཀའ་བས་གཅེས་འཛིན་ཤོག །བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་བསྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རང་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། །བཤེས་གཉེན་དམ་པར་བལྟ་བར་ཤོག །མདོར་ན་དངོས་སམ་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག །དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་ཤིང༌། །ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་མེད་འཆིང་བ་ལས་གྲོལ་ཤོག །

གང་བློ་མ།
カンロマ
文殊菩薩讃

གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱིས་ཐུགས་ཀར་གླེགས་བམ་འཛིན། ། གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་སྒྲོལ་མཛད་ཅིང༌། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས། བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད། །

ཨོཾ་ཨ་ར་པ་ཙ་ན་དྷཱིཿ

བརྩེ་ལྡན་ཁྱོད་ཀྱིས་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་གསལ་ནས། །
བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །

*カンロマは法王14世も何度もおっしゃるよう、これを唱え、文殊菩薩の真言「オンラパツァナディ」を唱えれば、知能が明らかに向上します。法王も、ゲルク派のお坊さんも、多くのチベットの優れた学僧も、唱えています。私も唱えています。仏教を学ぶ人には、暗誦して、毎日唱えることを強くお勧めいたします。ケンツェ和上とポタラカレッジの齋藤先生の和訳が以上にありますので、ここに掲載させていただきます。

カンロマの参考動画


མྱུར་མཛད་མ།
ニュルゼーマ
大黒天讃

ཧཱུཾ་མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཞབས་གདུབ་དང་བཅས་བི་ནཱ་ཡ་ག་མནན།། ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན།། གཡས་པ་གྲི་གུག་བར་བ་འཕྲེང་བ་འཛིན།། ཐ་མ་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ།། གཡོན་པ་ཐོད་པ་དང་ནི་མདུང་རྩེ་གསུམ།། དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་བྱེད།། དྲག་པོའི་ཞལ་ནི་མཆེ་བ་རྣམ་པར་གཙིགས།། སྤྱན་གསུམ་དྲག་པོ་དབུ་སྐྲ་གྱེན་དུ་འབར།། དཔྲལ་བར་སིནྡྷུ་ར་ཡིས་ལེགས་པར་བྱུགས།། སྤྱི་བོར་མི་བསྐྱོད་རྒྱལ་བོའི་རྒྱས་བཏབ་བརྟན།། ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན།། རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན།། ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི།། དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད།། སངས་རྒྱས་བསྟན་པ་གཉན་པོ་བསྲུང་དང་། དཀོན་མཆོག་དབུ་འཕངས་གཉན་པོ་བསྟོད་པ་དང་།། བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི།། རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་།། ཅི་འདོད་དངོས་གྲུབ་མྱུར་དུ་སྩལ་གསོལ།།

།ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཊ་བྷི་གྷཱ་ན་བི་ན་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། །

*法王14世も何度もおっしゃるよう、これを毎日唱えると守護があります。ゲルク派の多くの僧院の守護神は大黒天であり、日本の僧院の守護神もたいてい大黒天です。修行の障害を取り除き、心に生じる迷いなどが滅されるという効果があります。詳しい説明はケンツェ和上が和訳をおまとめになっている通りです。

ニュルゼーマの参考動画


般若心経

འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི་ལ། །དགེ་སློང་གི་དགེ་འདུན་ཆེན་པོ་དང་། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། །དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། །ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམསདཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དེ་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པས་ཇི་ལྟར་བསླབ་པར་བྱ། །དེ་སྐད་ཅེས་སྨྲས་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། །རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས། །འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། །ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱི་སྟོང་པར་ཡང་དག་པར་རྗེས་སུ་ལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན། །དེ་བཞིན་དུ་ཚོར་བ་དང་། །འདུ་ཤེས་དང་། འདུ་བྱེད་དང་། །རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད།ཡིད་ཀྱི་ཁམས་མེད། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས། རྒ་ཤི་མེད། །རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན། །བྱང་ཆུབ་སེམས་དཔའ་རྣམས་ལ་ཐོབ་པ་མེད་པའི་ཕྱིར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན་ཅིང་གནས་ཏེ། །སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། །ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས། །མྱ་ངན་ལས་འདས་པར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། །རིག་པ་ཆེན་པོའི་སྔགས། །བླ་ན་མེད་པའི་སྔགས། །མི་མཉམ་པ་དང་མཉམ་པའི་སྔགས། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན། །བདེན་པར་ཤེས་པར་བྱ་སྟེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོདྷི་སྭཱཧཱ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། །ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། །དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། །དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །

般若心経の真言による退魔法

དྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོདྷི་སྭཱཧཱ།
འཕགས་པ་དཀོན་མཆོག་གསུམ་གྱི་བཀའི་བདེན་པའི་སྟོབས་ཀྱིས་ཕྱིར་བཟློག་པར་གྱུར་ཅིག མེད་པར་གྱུར་ཅིག ཞི་བར་གྱུར་ཅིག དགྲ་བགེགས་པར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཤཱིནཏི་ཀུ་རུ་སྭཱཧཱ།
བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། མི་མཐུན་པའི་རྒྱེན་དང་བྲལ་བ་དང་། མཐུན་པར་གྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

般若心経の参考動画


主要な真言(チベット読み)

持金剛
オン・ベンザダラ・フン

*持金剛は密教の教主です。釈尊と同体です。

釈迦如来
オン・ムニムニ・マハムニエー・ソーハ

*釈尊は顕教の教主です。持金剛と同体です。

金剛薩埵
オン・ベンザサト・アー

*修行者のことです。

文殊菩薩
オン・アラパツァナ・ディー

*一切の仏の智慧を集めたものです。真言を唱えることで智慧の増大、空性の理解、経典などの記憶力の増大が期待できます。

弁才天
オン・サラスバティー・ソーハー

*一切の仏の智慧を集めたものです。文殊菩薩と併せて、「父母」(ཡབ་ཡུམ་)と呼ばれます。真言を唱えることで智慧の増大が期待できます。

弁才天への讃はツォンカパによって作られた『白雲讃(チュンジン・カルポマ)』(ཆུ་འཛིན་དཀར་པོ་མ་)があります。これはチベットでは俗では歌にして歌われますが、前掲の『カンロマ』や『ニュルゼーマ』ほど日常的に唱えられる訳ではないようです。参考までに以下にその和訳を掲示します。

観自在菩薩
オン・マニペメ・フン

*一切の仏の慈悲を集めたものです。唱えることで仏の慈悲によるお加持を期待できます。

ターラ尊
オン・タレ・トゥタレ・トゥレ・ソハ

*一切の仏の慈悲とその活動を集めたものです。唱えることで仏の活動によるお加持を期待できます。現世利益的なお願いの観点で、チベット人の間では多大な信仰を集めます。

大黒天
オン・ベンザマハカラ・ティンテェタ・ビガナ・ビナヤカ・フンフン・ペーペー・ソーハー

*観自在菩薩を本地とします。仏教と仏教徒の守護神です。さまざまな魔から守護してくださいます。真言を唱えることで、魔からの守護と経済的な守護が期待できます。チベットでは、主(མགོན་པོ་)と呼ばれます。

金剛手菩薩
オン・ベンザパニ・フン

*一切の仏の力を集めたものです。真言を唱えることで、仏の力によるお加持を期待できます。

無量寿仏
オン・アマラニ・ジウェンティエ・ソーハー

ナムゲルマ
オン・アミリタ・アユダテ・ソーハー

白ターラ如意輪
オン・タレ・トゥタレ・トゥレ・ママ・アユプネ・ギャナプティクルエー・ソーハー

*無量寿仏、ナムゲルマ、白ターラ如意輪の三つをあわせて長寿三尊と呼ばれます。真言を唱えることで長寿が期待できます。長寿を得ることによって、仏道修行に励むことの時間を長くしようという考えに基づきます。入菩薩行論に、悪いことをするならばすぐに死んだほうがよいとあります。ちなみに、無量寿仏は無量光仏とは区別されます。

白傘蓋
タヤター・オン・アーナレ・アーナレ・カーサメ・カーサメ・ベレベレ・ソメソメ・サワブッダ・アディティナ・アディアディティテ・サワタタガタ・ウニカシタパティ・フンペー・フンママフン・ソーハー

*息災に効果があるとされます。

百字真言
オン・ベンザサトサマヤ・マヌパラヤ・ベンザサトデノパティタ・ディトメバワ・ストショメバワ・ストショメバワ・アヌラコメバワ・サワシディメタヤタ・サワカマスチャメ・チタシュリヤム・クルフーム・ハハハハホー・バガウェン・サワタタガタ・ベンザマメムチャ・バンザバワ・マハサマヤサト・・アーフンペー

*懺悔に用います。罪障を浄化する効果があるとされます。

グル・リンポチェの真言
オン・アー・フーン・ベンザグル・ペマシディ・フン

*チベットの偉大な密教行者である蓮華生の真言です。ニンマ派のみならず宗派にかかわらず唱えられます。これも罪障を浄化する効果があるとされます。

ジェ・リンポチェの真言
オン・アー・グルベンザダラ・スマティキティ・シッディ・フンフン

*ゲルク派の開祖のツォンカパの真言です。ツォンカパの本名がロサンタクパ(བློ་བཟང་གྲགས་པ་)なので、それをサンスクリットに直訳して、スマティキールティ(सुमतिकीर्ति)として、讃えています。後掲のミクツェマとともに唱えられます。

*チベットでの真言の読み方はサンスクリットの本来の発音とはかなりかけ離れています。ここで掲載した真言の読みは、私がギュメ学堂留学中に師僧から授かったものです。各本尊に許可灌頂(རྗེས་གནང་)などがある場合、それを受けるのがよいとされます。他方、ここで掲載したものは広く一般に知られている真言で、灌頂などは唱えるにあたってひとまずは要しないものです。

དགའ་ལྡན་ལྷ་བརྒྱ་མ།
ガンデンフラギャマ
兜率百尊偈

དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས༑ ༑རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས། །སྲས་དང་བཅས་པ་གནས་འདིར་གཤིགས་སུ་གསོལ། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྗེ་བཙུན་བླ་མ་བགྱེས་པའི་འཛུམ་དཀར་ཅན། །བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ། །བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། །ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས། །སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང་། །གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །མཐོང་ཐོསས་དྲན་པ་དོན་ལྡན་ལ་ཕྱག་འཚལ། །ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང་། །དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་འཆབ་སོགས། །དངོས་གཤམས་ཡིས་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདེ། །བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ། །གང་ཞིག་ཐོགས་མེད་དུས་ནས་བསགས་པ་ཡི༑ ༑ལུས་ངག་ཡིད་ཀྱི་མི་དགེ་ཅི་བགྱིས་དང་། །ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། །སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས། །མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་དག་པས་ཡི་རང་ངོ་། །རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱིས།།ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ། །ལྷུན་གྲུབ་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ། །བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་། །ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི༑ ༑བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག། །

*ツォンカパを讃えるものとなっています。ゲルク派のお坊さんであれば毎日あらゆる行法の前に唱えています。これは師瑜伽の最も基本的なものとなっており、六つの支分からなります。最も基本的な瞑想の実践となるので、ゲルク派に縁のある方は毎日お唱えされることをお勧めいたします。これについては文殊師利大乗仏教会の野村先生の翻訳がありますので、そちらのリンクを貼らせていただきました。

ガンデンフラギャマの参考動画


ラムリム祈願文よりツォンカパの加持を願う祈り

དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །
パルデンツァウェーラマリンポチェ
吉祥を備える根本の師大宝、
བདག་གི་སྤྱི་བོར་པད་མའི་གདན་བཞུགས་ལ། །
我が頂の蓮華座に住して、
བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །
大恩恵の門から接受して、
སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །
身語心の悉地をお与えくださいますように。

*このときツォンカパが自身の頭頂にいらっしゃると観想します。

དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། །
ングードゥプクンチュン・トゥプオンドルジチャン
一切悉地を生じる牟尼自在持金剛、
མིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
ミクメーツェウェー・テルチェンチェーレーシー
無所縁慈悲の大蔵である観自在、
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།།
ティメーケンペーワンポ・ジャンペーヤン
無垢智の勇文殊師利、
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
ドゥープンマルージョムゼー・サンウェーダー
魔羅大群を余さず降伏する金剛手、
གངས་ཅན་མཁས་པའི་གཙུག་བློ་བཟང་གྲགས།།
カンチェンケーペーツーゲン・ロサンター
有雪国の賢者の頂を飾るロサンタクパ、
སྐྱབས་གསུམ་ཀུན་འདུས་བླ་མ་སངས་རྒྱས་ལ། །
キャプスムクンドゥー・ラマサンゲーラ
三帰依全てを集めた師である仏に
སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས། །
ゴースムグーペーゴーネー・ソルワーデプ
三門で恭順の門より祈願いたします。
རང་བཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །
ランシェンミンチン・ドルワルジンギーロップ
自他を熟させ解放するよう加持なさいませ。
མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །
チョータントゥンモン・ングードゥプ・ツェルトゥスル
最上と共通の悉地をお与えください。

*以上のような祈願によりツォンカパは胸にましますと祈願いたします。

དམིགས་བརྩེ་མ།
ミクツェマ

མིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
ミクメーツェウェー・テルチェンチェーレーシー
無所縁慈悲の大蔵である観自在、

དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།།
ティメーケンペーワンポ・ジャンペーヤン
無垢智の勇文殊師利、

བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
ドゥープンマルージョムゼー・サンウェーダー
魔羅大群を余さず降伏する金剛手、

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
カンチェンケーペーツーゲン・ツォンカパ
有雪国の賢者の頂を飾るツォンカパ、

བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
ロサンタクペーシャプラー・スゥルワーデプ
ロサンタクパのみ足に礼拝祈願いたします。

*このミクツェマは何遍も唱えます。私が留学していたギュメ学堂で頂戴したお次第には10万遍唱えるべしと書かれてあります。

*このミクツェマは元々ツォンカパが彼の師であるレンダワの智・慈・力の三つ(མཁྱེན་བརྩེ་ནུས་གསུམ་)を讃えるためにお造りにったものです。これが、現在のゲルク派では、ツォンカパを讃え、そのお加持をいただくために何度も繰り返して唱えられます。具体的には、自分の胸にツォンカパが住していると考え、その頭に白い観自在、喉に黄色い文殊、胸に青の金剛手を観想します。そして、それら身語心の加持をいただくという観想をします。ちなみにゲルク派の僧衣の色が赤、黄、青なのも、観自在、文殊、金剛手を象徴しており、仏の智・慈・力の三つを示しています。詳しい観想の方法は僧院で入手できる読誦(ཞལ་འདོན་)の本を見て師伝を仰いでください。極めて基本的な偈文ですので、ゲルク派にご縁のある方々は暗記をお勧めいたします。

ミクツェマ参考動画


ཡོན་ཏན་གཞིར་གྱུར་མ།
ユンテンシーギュルマ
功徳基盤

ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །
གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེན་ཤེས་གྱུར་ནས། །ཉིན་ཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང༌། །ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན། །དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། །ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས། །ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང༌། །དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། །རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས། །སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། །ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི། །ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ། །དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས། །རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། །དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས། །བསྟན་པའི་རྩ་བ་སོ་སོ་ཐར་པ་ལ། །སྒྲུབ་པ་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། །ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས། །ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང༌། །ཡང་དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡི། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་བསྡོས་ཏེ་བསྲུང་བར་བྱིན་གྱིས་རློབས། །དེ་ནས་རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཀྱི། །གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས། །ཐུན་བཞིའི་རྣལ་འབྱོར་མཆོག་ལས་མི་གཡེལ་བར། །དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས། །དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང༌། །ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང༌། །ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།།

*これはツォンカパの顕教の教えの根幹である『道次第』(ラムリム・ལམ་རིམ་)の肝要がご自身の要約によって説かれています。それぞれの事項について深く観想する必要があります。これについても文殊師利大乗仏教会の野村正次郎先生の翻訳がありますので、そちらのリンクを貼らせていただきました。

ユンテンシーギュルマ参考の動画


祈願・回向

(父母有情などへの祈願)

ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །
パマセムチェンタムチェーデータンテンパルギュルチー
父母たる一切有情は楽とともにありますように。

ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པ་དང་། །
ンゲンドータムチェー・タクトゥートンパタン
悪趣一切が常に空っぽでありますように。

བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ། །
チャンチュプセンパ・カンナスシューパ
どこでも誰でも菩薩でございますならば、

དེ་དག་སྨོན་ལམ་འགྲུབ་གྱུར་ཅིག །
デーダーモンラムドゥギュルーチー
彼らの祈願が成就しますように。

(師と離れないような祈願)

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །
ケワクゥントゥー・ヤンダーラマタン
いかなる生においても正しい師と、

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
デーメーチューキペールラ・ロンジューチン
離れることなく法の吉祥を享受して、

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །
サータンラムキ・ユンテンラプツォーネー
十地と五道の功徳を完全に満たして、

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
ドルジェーチャンキー・コパンニュートプショー
持金剛の境地を速やかに得ますように。

(師の長寿と無事の祈願)

དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང༌། །
データルラムサントゥンペー・シェーニェンタン
このように道をよく教示する善知識と、

ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང༌། །
ツルシンドゥッぺードーナムシャプテンチン
作法通り成就する法友は長寿であり、

ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །
チタンナンキバルドゥチューペーツォー
外と内の障害をなす集まりは、

ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།། །།
ニェーワルシーワルジンキラプトゥスー
完全に鎮まるようお加持ください。

(往生の祈願)

བར་དོའི་སྣང་བ་ཤར་བར་གྱུར་མ་ཐག །
バルドゥーナンワシャルワルギュルマター
中有の顕明が生じると直ちに、

རྒྱས་སྲས་བརྒྱད་ཀྱིས་མ་ནོར་ལམ་བསྟན་ཏེ། །
ゲーセーゲーキ・マーノルラムテンテ
八大菩薩は誤りない道を示して、

བདེ་བ་ཅན་དུ་སྐྱེས་ནས་སྤྲུལ་པ་ཡིས། །
デワーチェントゥーケーネートゥパイー
極楽に往生し変化身によって、

མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག །
マーダクシンキドーラデンギュルチー
穢土の衆生を導くことができますように。

(菩提心増大の祈願)

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །
チャンチュプセムチョー・リンポチェー
菩提心という最高の大宝が、

མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །
マケーワナムケーギュルチー
生じていないものたちに生じますように。

སྐྱེས་པ་ཉམས་པ་མེད་པ་ཡང་། །
ケーワーニャンパメーパヤン
生じたものは退化することなく、

གོང་ནས་གོང་དུ་འཕེལ་བར་ཤོག །
コンネーコントゥペーワルショー
さらにさらに増大しますように。

(空性の見解増大の祈願)

སྟོང་ཉིད་ལྟ་བ་རིན་པོ་ཆེ། །
トンニィータワリンポチェー
空性の見解という大宝が、

མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །
マケーワナムケーギュルチー
生じていないものたちに生じますように。

སྐྱེས་པ་ཉམས་པ་མེད་པ་ཡང་། །
ケーワーニャンパメーパヤン
生じたものは退化することなく、

གོང་ནས་གོང་དུ་འཕེལ་བར་ཤོག །
コンネーコントゥペーワルショー
さらにさらに増大しますように。

(魔の破滅の祈願)

སྨོན་ལམ་ལོག་པས་རྒྱལ་བས་བསྟན་པ་ལ། །
モゥンラムロクペーギェーウェーテンパラー
誤った祈願によって仏の教えに、

འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེའི། །
クウェーナクチョースククチェンスクメーデー
誤りの黒い方面の有象無象の類の、

བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །
サムジョル・ンゲンぺージュッパマールーパ
考えと行為が劣っているものに入ったものは余さずに、

མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག །
チョースムデンペー・ツェーネーチューギュルチー
三宝と真理によって根絶やしにされますように。

(普賢行願の回向)

འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །
ジャンペルパオー・ジタルケンパタン
文殊大士は如実に知る方、

ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །
クントゥサンポ・デヤンデシンテ
普賢もまたその通りであって、

དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །
デダークンキ・ジェースダーローチル
そsれら全ての後にすいて私は学ぶため、

དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །
ゲーワーディーダータムチェー・ラプトゥ・ンガー
これらの善一切を回向いたします。

དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །
ドゥースムシェーぺー・ギャルワータムチェーキー
三時善逝の一切の勝者によって、

བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །
ンガーワーカンラーチョートゥ・ンガーッパデー
回向いずれを最上であると褒め称えるそれによって、

བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །
ダーキゲーウェーツァワディクンギャン
私の善の根本のその全てもまた、

བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །
サンボチューチルラプトゥ・ンゴーワルギー
普賢行のために完全に回向いたします。

(三宝の加持の祈願)

སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །
サンギェークースム・ニェルぺージンラプタン
仏の三身を得るお加持と、

ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །
チューニーミギュル・デンページンラプタン
法性、不変の真理のお加持と、

དགེ་འདུན་མི་ཕྱེད་མཐུན་པའི་བྱིན་རླབས་ཀྱིས། །
ゲンドゥンミチェートゥンページンラプキー
僧伽不分にして和合したお加持によって、

བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག །
ンゴーワムンラムタプツェードゥッパルショー
回向祈願の完成が成就しますように。

三礼

(五体投地の真言)

オン・ナモ・マンジュシュリイェー
ナモ・スシュリイェー
ナモ・ウッタマシュリエー・ソーハー

食事の奉献偈文

*この記事に書いてあります。食前に唱えてください。場合によっては、勤行中にお茶を捧げるということもあります。

ーーーーー

以上、勤行の次第の和文への試訳。

ここで示した勤行の次第はどれも一般的にチベットの僧侶、特にゲルク派の僧侶によって唱えられているものです。読誦によって功徳が生じ、さらに本尊の加持によって、一時と究極全てにおいて目的が達成されるでしょう。ゲルク派以外の宗派と共通する偈文がほとんどですが、構成はギュメ学堂の経本にのっとりましたので、ゲルク派独自の偈文も入っています。法王14世もおしゃっているように内容を理解して、常に考えながら唱えることが肝要です。そして、暗記しているとさらに考えが深くなり、自分の心に良い変化が起こります。真言は累計して10万回を唱えることが一旦の目標となります。日本の真言宗でも「洛叉を違ふな」という言葉があるよう、10万回を唱えることがご本尊とのご縁を結び、守護を受けるための基準といえます。これらは、僧侶に限らず在家者でも、チベット人でチベットの学校で教育を受けたなら、誰でも暗記しているというものです。チベット仏教に関心のある方、チベット仏教を学んでいる方、チベット語でチベット式の勤行を毎日しようと考えている方の助けになれば幸いです。

2025年10月21日、乾 将崇。

いいなと思ったら応援しよう!